ང་སློབ་ཕྲུག་ཡིན་པ་དགའ་བ་ལ།
སློབ་སྦྱོང་མི་ཤེས་པ་སྐྱོ་བ་ལ།
ང་ལ་དེབ་ཡོད་པ་དགའ་བ་ལ།
འབྲི་སྟངས་མི་ཤེས་པའི་སྐྱོ་བ་ལ།
ང་ལ་སྐད་ཡོད་པ་དགའ་ལ།
ཡིན་ཡང་རང་བཙན་མེད་སྐྱོ་བ་ལ།
སྤུན་མཆེད་མང་པོ་ཡོད་པ་དགའ་བ་ལ།
བརྩེ་གདུང་སྤྲད་མཁན་མེད་པའི་སྐྱོ་བ་ལ།
ང་མི་ཡིན་པ་དགའ་བ་ལ།
བུ་མོ་ཡིན་པ་སྐྱོ་བ་ལ།
ང་བོད་པ་ཡིན་པ་དགའ་བ།
ཡིན་ཡང་རང་བཙན་མེད་པ་སྐྱོ་བ་ལ།